ཕྱི་ལོ་ཟླ་ཚེས་ ༢༠༢༣/༠༤/༢༢ ཉིན། དཔལ་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་མཆོག་ནས་ཐེག་མཆོག་རྣམ་བཤད་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་ཐོག་བརྒྱད་པ་ཞལ་གྲངས་ཉིས་བརྒྱ་བཅུ་ཐམ་པ་དང་། སྔ་འགྱུར་མཐོ་སློབ་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་མཁན་ཐོག་དང་པོ་ཞལ་གྲངས་བདུན་ཅུ་དོན་གསུམ་གྱི་ཁྲི་འདོན་དང་། སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་སྒྲུབ་བླ་བཅུ་གཉིས་ལ་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་མཛད།
The Twelfth Throne Holder of Palyul Linage His Holiness Karma Kuchen Rinpoche enthroned 210 Khenpos (the eighth batch), 73 Khenmos (the first batch) and 12 Dorje Lopons on 22nd April, 2023.